རྒྱ་གར་ CBSE བཀོད་ཁྱབ་ལྟར། འདི་ག་སོ་ནཱ་དཱ་སཾ་བྷོ་ཊ་ཉིན་སློབ་དེ་བཞིན་དུས་ཚིགས་གཉིས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་གཏོང་ཡུལ་གྱི་ལྟེ་གནས་བཟོས་ཡོད་པ་དང་། དེ་རིང་ནས་ཉིན་དང་པོའི་ཡིག་རྒྱུགས་མགོ་འཛུགས་ཞུས། ཡིག་རྒྱུགས་འདི་བཞིན་བསྟུད་མར་ཟླ་གཅིག་ཙམ་འགོར་རྒྱུ་ཡིན་པ་དང་། ཡིག་རྒྱུགས་གཏོང་བའི་དུས་ཡུན་རིང་རྒྱ་གར་ CBSE བཀོད་ཁྱབ་ཇི་བཞིན་འདི་སློབ་ནས་ཡིག་རྒྱུགས་ཀྱི་སྦྱོར་དངོས་རྗེས་གསུམ་རྣམས། CBSE ལམ་སྟོན་གྱི་རྣམ་གྲངས་ཁག་དང་འགལ་འཛོལ་མི་འབྱུང་ཞིང་། མཐུན་འགྱུར་གང་ལེགས་གནང་རྒྱུར་འཛིན་སྐྱོང་དང་དགེ་ལས་ཚང་མས་ཕྱར་གྲུ་མཉམ་འདེགས་བྱ་རྒྱུའི་ཆོད་སེམས་ཡོད་པ་བཅས། The school has taken […]
དེ་རིང་སློབ་གྲྭའི་ནང་དགེ་རྒན་ཕ་མའི་འཐུས་མིའི་རྒྱུན་ལས་གསར་རྙིང་བར་རྩིས་ལེན་རྩིས་སྤྲོད་བྱས་ཡོད་པ་དང་། རྩིས་ལེན་ཁྲོད་དགེ་རྒན་ཕ་མའི་འཐུས་མིའི་ཚོགས་གཙོ་ས་གནས་གཞིས་འགོ་མཆོག་དང་། དགེ་རྒན་ཕ་མའི་འཐུས་མིའི་དྲུང་ཆེ་སློབ་སྤྱི་མཆོག དགེ་རྒན་ཕ་མའི་འཐུས་མིའི་གསར་རྙིང་གཉིས་ཀྱི་རྒྱུན་ལས་བཅས་ངོ་བཅར་གནང་ཡོད་པ་རེད། Today, the PTA members of Sambhota Tibetan School Sonada (2019-2021) have passed […]